Words of a great beings



༄། ཀུན་ལ་ཕན་སེམས་འབའ་ཞིག་བྱས། །སྐྱིད་ལ་སོས་དལ་རྣལ་འབྱོར་ང་། །ད་ལྟ་ཤི་ཡང་མི་འགྱོད་ཙམ། །དེ་ཕྱིར་ཁྱེད་ཅག་དད་ལྡན་ཡང་། །ཕ་རྗེས་བུ་ཡིས་ཟིན་པར་མཛོད། །རིག་འཛིན་འཇིགས་མེད་གླིང་པས་སོ།

Jigme Lingpa - Oct 11, 2018

༄། དད་པ་སྐྱེ་བའི་རྒྱུ་ནི་བཞི་ཡིན་ཏེ། །དམ་པ་བསྟེན་དང་དམ་པའི་གྲོགས་དང་འགྲོགས། །དཀོན་མཆོག་རྗེས་སུ་དྲན་དང་འཁོར་བ་ལ། །སྙིང་པོ་མེད་པའི་ཉེས་དམིགས་བསམ་ལས་སྐྱེ།། རིག་འཛིན་འཇིགས་མེད་གླིང་པས་སོ།

Jigme Lingpa - Oct 11, 2018

Thought for the week. Shared by His Emience la.

རྒྱུད་ལས། གྲུབ་མཐའི་ཕྱོགས་ཆ་བཟུང་ནས་ནི། །གང་ཞིག་གཞན་ལ་སྨོད་བྱེད་པ། །སྒྲིབ་པའི་ནང་ནས་སྒྲིབ་པ་སྟེ། །དེ་ལ་ཡོན་ཏན་འབྲས་བུ་དབེན། །ཚེ་འཕོས་ན་རཀ་སྡུག་བསྔལ་སྤྱོད། །མཚམས་མེད་ལས་དང་འདི་མཚུངས་སོ།།

རྒྱུད་ལས། - Oct 11, 2018

རིག་འཛིན་འཇིགས་མེད་གླིང་པས།
བློ་བླ་མར་གཏོད་པ་སྐྱབས་འགྲོ་ཡི་མཐར་ཐུག །དོན་གཞན་དོན་ལྷུར་ལེན་སེམས་བསྐྱེད་ཀྱི་ངོ་བོ། །དྲན་ཤེས་བཞིན་སྐྱོང་བ་མདོ་སྔགས་ཀྱི་ལམ་ཁྱེར། །ལས་ཤེས་ཤེས་མང་པོའི་ཕེར་ཡོད་དེ་ཞོག་མཛོད།།

Jigme Lingpa - Jul 26, 2018

"If the meditator is able to use whatever occurs in his life as the path, his body becomes a retreat hut."

Jigme Lingpa - Apr 09, 2015



News & Events

  • celebration of His Majesty's 63rd

    Nov 11, 2018 - Happy Birthday To Your Majestic Majesty The hero who lives in every living heart is an extraordin...

    more
  • SERTOK: The GOLDEN PINNACLE

    Nov 05, 2018 - SERTOK: The GOLDEN PINNACLE On 28th October, 2018 presiding over by the Chairman, H.E. Jigme Rig...

    more